གསར་འགོད་པ། ལྕགས་འབུམ་རྒྱལ།
བོད་དམངས་ཁྲོད་ཀྱི་རིག་གནས་བྱ་གཞག་གོང་འཕེལ་དང་། དམངས་ཁྲོད་ཀྱི་གླུ་བ་གླུ་མ་མང་པོ་ཞིག་སྐྱེད་སྲིང་བྱེད་ཆེད་དུ། ཉེ་ཆར། ཐེམ་ཆེན་རྫོང་རིག་གནས་ཁང་གིས་གཙོ་སྒྲུབ་མཛད་དེ་རྡུང་ལེན་སྒྱུ་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྡུས།
རྒན་བོང་སྟག་རི་ལུ་ཡིས་རྡུང་ལེན་སྒྱུ་རྩལ་གྱི་གཞས་ཚིག་སྐོར་གླེང་བ།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ལ་རྡུང་ལེན་སྒྱུ་རྩལ་ལ་དགའ་མོས་ཡོད་པའི་མི་སྣ་སུམ་ཅུ་ལྷག་ཞུགས་ཡོད་ལ། གསོ་སྦྱོང་དུས་ཡུན་ཉིན་བཞི་ཡིན་པ་དང་། སྦྱང་བྱ་གཙོ་བོ་ལ་སྒྲ་སྙན་འབྲུག་མགོ་མའི་དཀྲོལ་སྟངས་དང་། རྡུང་ལེན་སྒྱུ་རྩལ་གྱི་རྨང་གཞིའི་ཤེས་བྱ། དབྱངས་ཡིག་ཕབ་སྟངས། རྡུང་ལེན་སྒྱུ་རྩལ་གྱི་གཞས་ཚིག་འབྲི་སྟངས་སོགས་ཀྱི་ཐད་ནས་འབྲེལ་ཡོད་ཀྱི་དགེ་རྒན་གདན་ཞུ་བྱས་ཏེ་ཟུར་ཁྲིད་བྱས།
གདན་ཞུའི་དགེ་རྒན་ཛ྄ཾ་དཀར་སྐྱིད་ཀྱིས་སློབ་ཁྲིད་བྱེད་ཀྱིན་པ།
ཐེངས་འདིའི་གསོ་སྦྱོང་བརྒྱུད། རྡུང་ལེན་སྒྱུ་རྩལ་ལ་དགའ་མོས་ཡོད་པའི་གཞོན་སྐྱེས་མང་པོ་ཞིག་ལ་སློབ་སྦྱོང་གི་གར་སྟེགས་ལེགས་པོ་ཞིག་བསྐྲུན་པར་མ་ཟད། རྡུང་ལེན་སྒྱུ་རྩལ་ལ་འཇུག་པའི་ཕྱོགས་ནས་སྔར་ལས་སེམས་ཤུགས་ལེགས་པོ་ཞིག་བསྩལ་ལ། འདི་དང་འདི་ལྟ་བུའི་གསོ་སྦྱོང་སྤེལ་བ་འདིས་དམངས་ཁྲོད་རིག་གནས་སྔོག་འདོན་དང་། དར་སྤེལ། རྒྱུད་འཛིན་གཏོང་བར་དགེ་མཚན་གང་ལེགས་ཐོན་ཡོད།
上一篇:
2019年天峻县文化馆年报下一篇:
2018年天峻县文化馆年报