ཐེམ་ཆན་རྫོང་གིས་བོད་ས་མོ་ཕག་ལོའི་ལོ་སར་སྤྲོ་ཚོགས་བསྡུས།
གསར་འགོད་པ།བོང་སྟག་རི་ལུ།
སྤྱི་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར།ཐེམ་ཆེན་རྫོང་ཨུ་དང་།ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་།ཐེམ་ཆེན་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།ཐེམ་ཆེན་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ།ཐེམ་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ་བཅས་ཀྱིས་འགན་སྒྲུབ་བྱས་པའི་ལོ་སར་དགོང་ཚོགས་དེ་ཤམ་བྷ་ལའི་གསོལ་ཁང་དུ་བསྡུས།
ཐེམ་ཆེན་རྫོང་ཨུའི་ཧྲུའུ་ཅི་མཱ་ཞེ་ཐེ་ཡིས་ཤིས་ཚིག་འབུལ་བཞིན་པ།
ཐེམ་ཆེན་རྫོང་ཨུའི་རྒྱུན་ཨུའམ་རྒྱུན་ལས་རྫོང་དཔོན་གཞོན་པ་ཡཱང་ཅིན་ཧྲན་གྱིས་གཏམ་བཤད་གནང་བཞིན་པ།
ཐེམ་ཆེན་རྫོང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏིང་འཛིན་རྒྱལ་གྱིས་མགོ་འཛིན་བྱེད་ཀྱིན་པ།
ལོ་སར་དགོང་ཚོགས་ལ་ཐོག་མར་འབྲེལ་ཡོད་ཀྱི་འགོ་ཁྲིད་ཀྱིས་གཏམ་བཤད་དང་ཤིས་ཚིག་ཕུལ་ཞིང་།དེ་ནས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཀྱི་མགོ་བརྩམས་ལ།རིག་རྩལ་འཁྲབ་སྟོན་ལ་ཇ་བཤད་དང་།ཞབས་བྲོ།རྡུང་ལེན།གླུ་དབྱངས་སོགས་ཡོད།
རིག་རྩལ་འཁྲབ་སྟོན་བྱེད་ཀྱིན་པ།
ཐེངས་འདིའི་ལོ་སར་སྤྲོ་ཚོགས་ལ་ས་གནས་ཀྱི་མང་ཚོགས་དང་།ལས་བྱེད།ལས་འཁྱུར་ངལ་གསོ་བྱས་པའི་རྒན་རབས་བཅས་མི་སྣ་སུམ་བརྒྱ་ལྷག་ཞུགས་ཡོད་ལ།འདི་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་།གནམ་ལོ་གསར་བ་ཞིག་འཆམ་མཐུན་གྱིས་བསུ་བའི་སྤྲོ་ཚོགས་ཤིག་ཀྱང་ཡིན།
ལྟད་མོ་བའི་པར།
ཐེངས་འདིའི་སྤྲོ་ཚོགས་བརྒྱུད་ནས།འཁྲབ་སྟོན་པ་རེ་རེས་ཕུན་སུམ་ཚོགས་པའི་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པ་དེས།རྒྱ་ཆེའི་ལྟད་མོ་བ་དག་ལ་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ཤིང་།མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེར་ཆེར་ཐོབ།
上一篇:
2019年天峻县文化馆年报下一篇:
2018年天峻县文化馆年报