(藏汉双文)青海省人民政府通告(第7号)

  • 发布时间:2020-02-05 09:43:58
  • |
  • 作者:天峻县文化馆
  • |
  • 阅读次数:215次

(藏汉双文)青海省人民政府通告(第7号)

海西民族语文藏汉版 昨天

image.png?v=1746851226850


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་བདུན་པ།



image.png?v=1746851226850


ལོ་སར་དུས་ཆེན་གྱི་གུང་གསེང་མཇུག་སྒྲིལ་ལ་ཉེ་བས།ས་གནས་དང་སྡེ་ཁག་སོ་སོས་གོ་རིམ་ལྡན་པའི་སྒོ་ནས་ཁེ་ལས་དང་།ལས་ཁུངས།སྒེར་གཉེར་བཟོ་ཚོང་།སློབ་གྲྭ་སོགས་ཀྱི་ལས་འགོ་སློབ་འགོ་ཚུགས་པར་རྩ་འཛུགས་བྱེད་པ་དང་སྦྲགས་བདེ་ཐང་འགོག་སྲུང་ཡག་པོ་བྱ་དགོས།འབྲེལ་ཡོད་ལས་རིགས་གཙོ་གཉེར་སྡེ་ཁག་སོ་སོས་ས་ཁུལ་གྱི་རིམས་འགོག་དོན་དངོས་ལ་གཞིགས་ནས་ལས་འགོ་འཛུགས་པའི་ཆ་རྐྱེན་གཏན་འཁེལ་བྱས་ཏེ། མཚོ་སྔོན་དུ་ཡོང་མཁན་དང་ལོག་མཁན་ཡོངས་ཀྱིས་ནན་ཏན་སྒོས་ཁྱིམ་སྡོད་ཟུར་བཀར་དང་གསོ་རིག་ལྟ་ཞིབ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ནས་ལས་འགོ་འཛུགས་རྒྱུ་གོ་རིམ་ལྡན་ཞིང་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་གི་ལས་འགོ་འཛུགས་རྒྱུ་དང་།རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སློབ་འགོ་འཛུགས་པར་“མི་ཆོག་པ་དྲུག་”བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར། 

གཅིག རྣམ་པ་གང་རུང་གི་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་འགུལ་གཏན་འགོག་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱིས་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོའི་ ་ཁ་གཏད་འཇལ་ཐབས་ལག་བསྟར་བྱེད་སྐབས།ཞིང་ཆེན་ནང་ཁུལ་གྱི་མེ་ཏོག་དང་འདབ་ཆགས་ཉ་འབུའི་ཁྲོམ་ར་དང་།གཅེས་ཉར་སྲོག་ཆགས་ཚོང་ཁང་།བཟའ་བཏུང་ལས་ཁུངས་ཆེ་འབྲིང་།གཟུགས་ཁྲུས་ལྟེ་གནས།སྤྱི་དམངས་ཁྲུས་ཁང་།ཆུ་རྐྱལ་ཁང་།ཐོག་བཀབ་ལུས་རྩལ་ར་བ་དང་།དེ་བཞིན་ཇ་ཁང་།ཆང་ཁང་།དྲ་ཁང་།གློག་བརྙན་ཟློས་གར་ཁང་།སྒྲོག་ངོས་སྤོ་ལོ་ཁང་།མིག་མངས་བྱང་ཤོག་ཁང་།གློག་རྩེད་ཁང་།KTVསོགས་མི་མང་འདུ་འཛོམས་བྱེད་པའི་ཡུལ་ཚང་མས་ལས་འགོ་འཛུགས་མི་ཆོག 

གཉིས།རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣ་དང་།འགྲོ་གྲོན།དངོས་ཟོག་བཅས་དོན་འཁྱོལ་མ་བྱས་པ་དང་།ནང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལམ་ལུགས་ཀྱི་ཇུས་གཞི་འཐུས་ཚང་མེད་པ།ལས་བཟོ་བའི་བདེ་ཐང་འགོག་སྲུང་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གནད་ལ་མི་འཁེལ་བའི་ཁེ་ལས་ཚང་མས་ལས་འགོ་འཛུགས་མི་ཆོག 

གསུམ།ཞིང་ཆེན་སློབ་གསོ་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་སློབ་འགོ་ཚུགས་པའི་དུས་ཚོད་གསལ་པོ་མ་བཟོས་གོང་།རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་དང་གསོ་སྦྱོང་ལས་ཁུངས་ཀྱིས་གསབ་ཁྲིད་དང་།དོགས་གཞིར་ལན་འདེབས་པ།ཟུར་ཁྲིད་བྱེད་པ་སོགས་རྣམ་པ་གང་གིས་ལས་ཡུལ་དངོས་ཀྱི་གཅིག་སྡུད་རང་བཞིན་གྱི་སློབ་ཁྲིད་བྱེད་སྒོ་རྩ་འཛུགས་བྱེད་མི་ཆོག་ལ།རང་དགར་སློབ་འགོ་འཛུགས་མི་ཆོག 

བཞི།མེ་ཟོན་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ཡག་པོ་མ་བྱས་པ་དང་།གཏན་འབེབས་ལྟར་མེ་ཟོན་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་རྩིས་ལེན་རེ་ཞུའི་འགྲོ་ལུགས་མ་བསྒྲུབས་པའི་ཁེ་ལས་དང་།གཏན་འབེབས་ལྟར་དུག་སེལ་སོགས་རིམས་འགོག་བྱ་ཐབས་མ་སྤྱད་པ་དང་རླུང་རྒྱུག་ཆ་རྐྱེན་ཡག་པོ་མེད་པའི་ས་འོག་ཚོང་ར་སོགས་ཐོན་སྐྱེད་གཉེར་སྐྱོང་བྱེད་གནས་ཚང་མ་ལས་འགོ་འཛུགས་མི་ཆོག 

ལྔ། ལས་བཟོ་བའི་བདེ་ཐང་གི་གནས་ཚུལ་དང་རིམས་ནད་ཕོག་རིང་གི་འགྲོ་འོང་སོགས་གཞི་རྩའི་ཆ་འཕྲིན་གྲལ་བཤེར་ཐོ་འགོད་ཆ་ཚང་པོ་མེད་པ་དང་།གཏན་འབེབས་ལྟར་མི་སྣའི་ཆ་འཕྲིན་ཐོ་འགོད་སྙན་སེང་ཞུས་མེད་པ།དེ་བཞིན་ལས་གནས་སུ་མ་ཞུགས་གོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་གསོ་སྦྱོང་བྱས་མེད་པ་བཅས་ཚང་མ་ལས་འགོ་འཛུགས་མི་ཆོག 

དྲུགབླང་བྱ་ལྟར་རང་ཁེ་ལས་དང་།ལས་ཁུངས།གཉེར་སྐྱོང་བྱེད་གནས་ཀྱི་མཚོ་སྔོན་དུ་ལོག་པའི་ལས་གཉེར་མི་སྣར་ཉིན14རིང་ཁྱིམ་སྡོད་ཟུར་བཀར་དང་གསོ་རིག་ལྟ་ཞིབ་ཀྱི་བྱ་ཐབས་དོན་འཁྱོལ་མ་བྱས་པའི་ཁེ་ལས་དང་།སྒེར་གཉེར་བཟོ་ཚོང་།ལས་ཁུངས་བཅས་ཚང་མས་ལས་འགོ་སློབ་འགོ་འཛུགས་མི་ཆོག 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ2པའི་ཚེས2ཉིན། 


青海省人民政府通告(第7号)


image.png?v=1746851226850

 春节假期即将结束,各地各部门要有序组织企业、单位、个体工商户和学校开工开业开学,并做好健康防护,各有关行业主管部门要根据地区防疫实际确定开业条件,所有来青返青人员,要严格落实居家隔离和医学观察等措施,确保开工开业开学有序安全。现将我省相关企业和个体工商户开工开业及各级各类学校开学“六不准”通告如下:

  一、严禁任何形式的野生动物交易活动。我省启动一级响应期间,省内花鸟鱼虫市场、宠物店、大中型餐饮单位、洗浴中心、公众澡堂、游泳馆、封闭式运动场馆,以及茶艺、酒吧、网吧、影剧院、台球厅、棋牌室、电玩室、KTV等人员聚集的经营场所,一律不准开业。

  二、疫情防控人员、经费、物资未落实,内部疫情防控制度方案不完善,员工健康防护等疫情防控措施不到位的企业,一律不准开工。

  三、各级各类学校、培训机构在省教育行政主管部门未明确开学时间之前,不准组织补课、答疑、辅导等各类现场聚集性课堂活动和擅自开课。

  四、消防安全、安全生产隐患未整改到位,未按规定履行消防安全、安全生产申请验收程序的企业和未按规定采取消毒等防疫措施,以及不具备良好通风条件的地下商场等生产经营场所,一律不准开工开业。

  五、员工健康状况、疫情期间行程等基本信息排查登记不全面,未按规定履行人员信息登记报备,以及未开展上岗前疫情防控知识培训的,一律不准开工开业。

  六、未按要求对所在企业、单位、经营场所来青返青从业人员落实居家隔离医学观察14天措施的企业、个体工商户和单位,一律不准开工开业开课。

  青海省人民政府

  2020年2月2日


原文来源:青海省人民政府网


རྩོམ་སྒྱུར་འགན་ཁུར་བ། པད་མ་རིག་འཛིན།

ཞིབ་བཤེར་བ།  ཀླུ་རྒྱལ་དོན་གྲུབ།

ལྟ་ཞིབ་པ། ཀླུ་འབུམ་རྒྱལ།

责任编译:完么仁增

审核:李加东智

监制:李本加

image.png?v=1746851226850