ཐེམ་ཆེན་རྫོང་གི་2020ལོའི་ཐེངས་དང་པོའི་༼མཚོ་སྔོན་བོད་རིགས་ཀྱི་སྦྲ་ནག་བཟོ་རྩལ༽གསོ་སྦྱོང་འཛིན་གྲྭ་བསྡུས།
ཉེ་ཆར། ཐེམ་ཆེན་རྫོང་རིག་གནས་ཁང་གིས་གཙོ་སྒྲུབ་བྱས་པའི་ཐེམ་ཆེན་རྫོང་གི་2020ལོའི་ཐེངས་དང་པོའི་༼མཚོ་སྔོན་བོད་རིགས་ཀྱི་སྦྲ་ནག་བཟོ་རྩལ༽གསོ་སྦྱོང་འཛིན་གྲྭ་དེ་ཐེམ་ཆེན་རྫོང་ནས་བསྡུས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ལ་ཐེམ་ཆེན་ས་ཁུལ་གྱི་སྦྲ་ནག་བཟོ་རྩལ་གྱི་རྐང་འཛིན་མི་སྣ་སུམ་ཅུ་ལྷག་ཞུགས་ཡོད་ལ།གསོ་སྦྱོང་དུས་ཡུན་ཉིན་གཉིས་ཡིན།ཉིན་དང་པོར་སྦྲ་ནག་བཟོ་རྩལ་གྱི་ཕྱོགས་ནས་འབྲེལ་ཡོད་ཀྱི་མི་སྣས་བགྲོ་གླེང་གི་རྣམ་པ་བརྒྱུད་ནས།ཕན་ཚུན་ལ་ལག་བཟོས་སྒྱུ་རྩལ་གྱི་ཉམས་མྱོང་བརྗེ་རེས་བྱས།
གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་སྐོར་ཞིག་གིས་རང་རང་གི་ལག་བཟོས་སྒྱུ་རྩལ་སོགས་འགྲེམ་སྟོན་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་དེ་དག་གི་དགེ་མཚན་རྟོགས་སུ་བཅུག
ཐེམ་ཆེན་རྫོང་གི་རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཡེ་ལུང་གིས་གཏམ་བཤད་གནང་བཞིན་པ།
ཐེམ་ཆེན་རྫོང་རིག་གནས་ཁང་གི་འགོ་གཙོ་ལིས་ལྷ་མཚོ་ལ་བཅར་འདྲི་བྱེད་ཀྱིན་པ།
ཉིན་གཉིས་རིང་གི་གསོ་སྦྱོང་བརྒྱུད།ཀྲེ་ཅང་རོགས་སྐྱོར་ཚོགས་པས་རྒྱབ་སྐྱོར་དང་།ཐེམ་ཆེན་རྫོང་རིག་གནས་ཁང་གིས་གཙོ་སྒྲུབ་བྱས་པའི་ཐེམ་ཆེན་རྫོང་གི་2020ལོའི་ཐེངས་དང་པོའི་༼མཚོ་སྔོན་བོད་རིགས་ཀྱི་སྦྲ་ནག་བཟོ་རྩལ༽གསོ་སྦྱོང་འཛིན་གྲྭ་དེ་བདེ་ལེགས་ངང་མཇུག་བསྡུས་པ་དང་།ས་གནས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་མི་སྣ་དག་ལ་གཟེངས་རྟགས་ཀྱི་ལེགས་སྐྱེས་ཕུལ།
གསོ་སྦྱོང་འདི་བརྒྱུད་ནས། ས་གནས་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་བྱེད་པར་དགེ་མཚན་གང་ལེགས་ཐོན་ཡོད།
上一篇:
清明·缅怀先烈下一篇:
2019年天峻县文化馆年报